༈ བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་ནི། བོད་ཀྱི་སྲོལ་རྒྱུན་གྱི་ཆེ་མཐོའི་རིག་གནས་དང་འབྲེལ་བའི་ལྟ་གྲུབ་དང་། དེ་བཞིན་དུ་རིག་གཞུང་། གཙུག་ལག་གི་གཞུང་གལ་ཆེ་བ་རྣམས་མི་ཉམས་རྒྱུན་སྐྱོང་དང་། གོང་མཐོར་སྤེལ་བའི་ཆེད་དུ་དམིགས་ཀྱིས་བཙུགས་པའི་ཤེས་ཡོན་གྱི་ལྟེ་གནས་ཤིག་རེད།
ཚོགས་པ་འདི་བཞིན་སྤྱི་ལོ་ ༡༩༩༩ ལོར་མཁས་དབང་ལྷ་རམས་པ་གླང་རི་བ་ཐུབ་བསྟན་སྤྱིན་པས་གསར་དུ་བཙུགས་ཤིང་། ཤེས་ཡོན་གྱི་ལྟེ་གནས་དེའི་དམིགས་ཡུལ་གཙོ་བོ་གཞན་ཞིག་ནི། བོད་ཀྱི་ཁྱད་ནོར་དུ་གྱུར་པའི་ཤེས་བྱའི་གནས་དང་། རིག་པའི་གཞུང་ལུགས་རྣམས་འཛམ་གླིང་སྤྱིའི་རིག་པའི་གཞུང་ལུགས་ཀྱིཁོངས་སུ་ཚུད་པར་བྱས་ཏེ། དེའི་བརྒྱུད་ནས་སྐྱེ་འགྲོ་མང་པོར་ཕན་བདེའི་གསོས་སུ་གྱུར་ཐུབ་པ་བཟོ་རྒྱུ་དེ་ལགས།